གནས་བརྟན་སྡེ་པའི་སྡོམ་རྒྱུན་གྱི་ལོ་རྒྱུས།
འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།
ཕྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་གནས་བརྟན་སྡེ་པའི་རབ་བྱུང་གི་སྡོམ་རྒྱུན་དེ་ཤྲཱི་ལངྐ་དང་འབར་མའི་ནང་དར། དུས་རབས་དེ་དག་རིང་སྡོམ་རྒྱུན་དེ་བཞིན་དྲག་གནོན་གྱི་དུས་ཡུན་ཐུང་ངུའི་རྗེས་སུ་འབར་མ་ནས་ཤྲཱི་ལངྐར་བསྐྱར་དུ་རྩ་འཛུགས་བྱས་ཤིང་། ཤྲཱི་ལངྐ་ནས་ཐེ་ལེནྜ་ལ་དར་ཁྱབ་བྱུང་བ་དང་། ཐེ་ལེནྜ་ནས་ཁམ་བྷོ་ཌི། ཁམ་བྷོ་ཌི་ཡ་ནས་ལའོ་སུ་བཅས་སུ་དར་སྤེལ་བྱུང་།