ཆོས་ལུཌ་རིས་མེད་ཐོག་སྤྲུལ་སྐུའི་ཚོཌ་འདུ།
འབུམ་རམས་པ་ཨེ་ལེག་ཛན་ཌར་བྷར་ཛིན།
ཕྱི་ལོ་ ༡༩༨༨ ལོར་སཱ་ར་ནཱ་ཐ་ལ་འཚོགས་པའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། བོད་ཀྱི་ཆོས་སྲོལ་དང་། བརྒྱུད་པ། རིག་གཞུང་གི་རྣམ་པ་ཡོངས་སུ་རྫོགས་པ་དང་དམིགས་བསལ་མ་འོངས་བོད་ཀྱི་དོན་ལ་བསམས་ནས་ཆོས་ཕྱོགས་གྲུབ་མཐའི་དབྱེ་འབྱེད་མེད་པའི་སྒོ་ནས་གཅེས་སྲུང་བྱ་རྒྱུ་དེ་རེད། ཚོགས་འདུའི་ནང་རྙིང་མ་དང་། ས་སྐྱ། བཀའ་བརྒྱུད། དགེ་ལུགས། བོན་དང་བཅས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་ནས་ཡང་སྲིད་བླ་མའམ་སྤྲུལ་སྐུ་དང་མཁན་པོ་ཕལ་ཆེར་ ༣༥༠ ཙམ་མཉམ་ཞུགས་གནང་ཡོད།